天文理算研究所

2024-03-22 402

天文历算研究所简介

1980年,甘南州藏医医院天文历算研究所成立,该所是专门从事藏族天文历算的研究机构, 主要任务是逐年编著《藏族气象历书》, 同时搜集、整理和撰写有关天文历算方面的古籍和新作。是甘南州乃至甘肃省唯一的该学科国家正规研究机构。每年的历书由藏医医院天文历算科研人员测算,同时也承担着编写和发行工作任务。系统编写和发行历书到至今有40余年。发行范围达甘、青、川、藏、滇等部分省区,赢得了良好的社会效益和藏学专家的好评。2018年,经甘南州政府同意,我院被列入甘南州第二批州级非物质文化遗产保护单位名录,确定为甘南藏族天文历算法和代表性传承人5人。2020年,医院创建天文历算专题展馆完成了藏医时轮坛城的建设、手绘藏族天文历算唐卡,绘制宇宙结构论等16幅孜唐,天文历算学家以及古籍文献展示。详细介绍藏族天文历算的博大精深,从而使人能够全面地了解到藏医药与天文历算文化的精髓。 

གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་།

ཀན་ལྷོ་ཁུལ་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་ནི་སྤྱི་ལོ་༡༩༨༠ལོར་དངོས་སུ་བཙུགས་པ་ནས་བཟུང་། ལོ་ངོ་དུ་མའི་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བསམ་འགྲུབ་རྒྱ་མཚོ་མཆོག་དང་དགེ་རྒན་ཆེན་མོ་ཤེས་རབ་ཆོས་འཕེལ་ཚང་རྣམ་གཉིས་འདི་ག་ཞིབ་འཇུག་ཁང་དུ་གདན་འདྲེན་བྱས་ཏེ། གནམ་རིག་སྐར་རྩིས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཐེངས་དུ་མར་བསྒྲུབས་ཤིང་གྲུབ་འབྲས་ཀྱང་མི་དམན་པ་བླངས།  འདི་ག་ཞིབ་འཇུག་ཁང་གི་རྩིས་རིག་སྨྲ་བ་ཤེས་རབ་ཆོས་འཕེལ་དང་ཀླུ་འབུམ་རྒྱལ་གྱིས་ཐོག་མར་བཏོན་པའི་ལི་ཐོ་ལ་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཚན་རྩལ་གྲུབ་འབྲས་ཨང་དང་པོ་ཐོབ་ལ། དེ་ནས་བཟུང་ལས་ཁུངས་ཀྱི་འགོ་ཁྲིད་རིམ་པའི་བླ་མེད་རྒྱབ་སྐྱོར་དང་མཐུན་རྐྱེན་ལ་བརྟེན་ནས། སྨན་རྩིས་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པའི་བླ་གནས་འཕོ་ཚུལ་དང་དུས་རྩ་རྒྱུ་ཚུལ། ཉི་འཛིན་ཟླ་འཛིན། གླང་བཤད།  ཆར་རྩིས་སོགས་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པའི་ལི་ཐོ་རྒྱས་བསྡུས་རེ་བསྒྲིགས་པའི་སྲོལ་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་དེ། བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། པེ་ཅིན་སོགས་ལ་འགྲེམ་སྤེལ་བྱས་དང་བྱེད་བཞིན་པས་རྒྱ་ཆེའི་མང་ཚོགས་སྤྱི་དང་ཁྱད་པར་དུ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་མཁན་རྣམས་ཀྱིས་བསྔགས་བརྗོད་བྱེད་བཞིན་ཡོད།

གཞན་ཡང་ཉེ་བའི་དུས་སུ་༢༠༡༨ལོར་བོད་ཀྱི་གནམ་རིག་སྐར་རྩིས་རིག་པ་ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གྲས་སུ་ཚུད་དེ་ཚབ་མཚོན་གྱི་རྒྱུད་འཛིན་མི་སྣ་ལྔ་སྐྱེད་སྲིང་བྱས་ཤིང་། ༢༠༢༠ལོར་ཀན་ལྷོ་ཁུལ་སྨན་རྩིས་ཁང་གནམ་རིག་སྐར་རྩིས་རྟེན་མཛོད་ཁང་ལེགས་འགྲུབ་བྱུང་ལ།  ༢༠༢༡ལོར་བོད་ལྗོངས་སྨན་རྩིས་ཁང་དང་ཀན་ལྷོ་ཁུལ་སྨན་རྩིས་ཁང་། བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་སོགས་ཀྱིས་མཉམ་དུ་༢༠༢༡ལོའི་རྒྱལ་ཡོངས་བོད་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་བགྲོ་གླེང་ཚོགས་འདུ་སྟེ་ཀན་ལྷོ་གཙོས་གྲོང་ཁྱེར་ནས་བསྡུས་ཤིང་འཚོགས། ༢༠༢༣ལོར་ཀན་ལྷོ་ཁུལ་སྨན་རྩིས་ཁང་གནམ་རིག་སྐར་རྩིས་དཔེ་མཛོད་ཁང་ལེགས་འགྲུབ་བྱུང་ཡོད་དོ། །