临床研究所

2024-03-22 428

临床研究所简介

藏医临床研究所是一个专门研究藏医基础理论、临床实践、药物研发、发掘古籍文献和整理藏医药文化遗产等多项结合机构单位,旨在全面推进医院藏医药的科学研究和应用。

藏医临床研究所还承担着培养藏医药人才的任务,通过开展教育培训、学术交流等活动,提高藏医药从业人员的专业水平和综合素质。此外,还积极参与藏医药的社会服务,为患者提供专业的藏医药治疗和保健服务,推广和普及藏医药知识。并在推动藏医药的传承、创新和应用方面发挥着重要作用。随着科学技术的不断进步和人们对健康的日益追求,藏医药的独特价值和优势逐渐被认可和重视,藏医临床研究所在医院起着决定性的作用。


ནད་ཐོག་ཞིབ་འཇུག་ཁང་ངོ་སྤྲོད་མདོར་བསྡུས།

ནད་ཐོག་ཞིབ་འཇུག་ཁང་གིས་ལོ་ངོ་བཞི་བཅུར་ཉེ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད།བོད་ལུགས་གསོ་རིག་གི་ནད་ཐོག་ཉམས་ཡིག་སྣ་ཚོགས་འཚོལ་སྡུད་དང་བསྔོགས་འདོན།  ཞིབ་འཇུག་བཅས་ཀྱི་ཐབས་ལ་བསྟེན་ནས།  དེང་སྐབས་འབྱུང་མང་བའི་གསར་དར་ནད་རིགས་སྣ་ཚོགས་དང་བཅོས་དཀའི་ནད་གཞིའི་རིགས་དམིགས་སུ་བཟུང་ནས་བརྟག་བཅོས་ཀྱི་ཐབས་ལམ་ཁྱད་པར་ཅན་དང་དམིགས་བསལ་ཕན་ནུས་ལྡན་པའི་སྨན་སྦྱོར་སོགས་སྔོག་འདོན་བྱེད་པ་དང་། དེ་ལ་ཚན་རིག་དང་མཐུན་པའི་ཁུངས་ཐུབ་ཀྱི་གཞི་གྲངས་འགོད་པ་སོགས་ནད་ཐོག་ལག་ལེན་ཁྲོད་ཚད་ལྡན་བེད་སྤྱོད་གཏོང་བའི་ལས་ཀ་གཙོ་བོར་བསྒྲུབ་བཞིན་ཡོད་ལ།  དེ་མིན་རིག་གཞུང་སློབ་ཁྲིད་དང་བགྲོ་གླེང་སོགས་བྱ་འགུལ་སྣ་ཚོགས་སྤེལ་ཏེ།  བོད་ལུགས་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ནད་ཐོག་སྨན་པའི་ཀུན་སྤྱོད་དང་ཆེད་ལས་ནུས་རྩལ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད།

གཞན་ཡང་ནད་གཞི་བརྟག་བཅོས་དང་སྔོན་འགོག བདེ་སྲུང་སོགས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་གང་མང་བསྒྲུབས་ཏེ། བོད་ལུགས་གསོ་བ་རིག་པའི་ཤེས་བྱ་ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་པ་སོགས་རྒྱུད་འཛིན་དང་དར་སྤེལ། གསར་གཏོད་ཐད་གལ་ཆེའི་ནུས་པ་ཐོན་བཞིན་ཡོད་པས། རྒྱ་ཆེའི་གསོ་བྱའི་བདེ་ཐང་དང་སྨན་ཁང་གི་ནད་ཐོག་ཕན་འབྲས་ཚད་གཞི་ཇེ་མཐོར་གཏོང་བའི་ཞིབ་འཇུག་ཚན་ཁག་གཙོ་གྲས་ཤིག་ཏུ་ཆགས་ཡོད།