藏医药文化展示馆简介
甘南藏族自治州藏医药文化展示馆,占地1004平方米,分四层传统藏式建筑风格,它是集藏医史、曼唐、医疗器械、古籍文献、藏药标本、天文历算及藏药产品展示等七大展区于一体的综合性展馆,总投资逾三千万元。
馆内藏品琳琅满目,珍稀藏药材、古老藏医器械、古籍文献一应俱全,每件展品都凝聚着藏医药文化的历史与成就,让参观者能够亲身体验藏医药的奥妙。
其中,藏医史展区详细叙述了藏医药的起源、发展历程与传承脉络;曼唐展区则通过唐卡这一艺术形式,生动展现了藏医药学的博大精深;医疗器械展区展示了几千年前藏医独特的诊疗工具与方法;而古籍文献展区则是藏医药智慧的宝库,吸引着众多研究者前来探寻。此外,藏药标本展区与天文历算展区也各具匠心。藏药材展示区展示上千种藏药材,如植物药、矿物药、动物药等,帮助参观者了解藏药的多样性与功效;天文历算文化展馆中设有沙制时轮坛城、天文历算工具、古籍、唐卡等,诠释它在藏历推算、天气预报、测定方位、日月食等方面的作用和推算方法,也揭示了藏医药学与天文历算的紧密联系,彰显了藏族人民的卓越智慧。
藏医药文化展示馆不仅是文化的展示窗口,更是藏医药文化传承与发展的重要平台。它凭借独特的文化魅力与丰富的展示内容,吸引着国内外游客与学者纷至沓来,为推动藏医药文化的传播与交流贡献了力量。
༄༅།།བོད་ལུགས་གསོ་རིག་རིག་གནས་འགྲེམས་སྟོན་ཁང་གི་ངོ་སྤྲོད་མདོར་བསྡུས།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་རིག་གནས་འགྲེམས་སྟོན་ཁང་གི་ས་ཁྱོན་ལ་སྨི་གྲུ་བཞི་མ༡༠༠༤ཡོད་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་འཛུགས་སྐྲུན་ཁྱད་ཆོས་གཞིར་བཟུང་ནས་ཐོག་རྩེག་རིམ་པ་བཞི་ལ་དབྱེ་ཡོད། དེ་ནི་བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་། སྨན་ཐང་། ཆ་བྱད། གནའ་གཞུང་ཚད་ལྡན་ཡིག་ཆ། བོད་སྨན་སྨན་རྒྱུའི་མ་དཔེ། གནམ་རིག་སྐར་རྩིས་དང་དེ་མིན་བོད་སྨན་ཐོན་རྫས་འགྲེམས་སྟོན་སོགས་འགྲེམས་ཁུལ་ཆེ་གྲས་བདུན་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་ཁང་ཞིག་ཡིན། དེར་ཁྱོན་མ་དངུལ་སྒོར་ཁྲི་སུམ་སྟོང་ལྷག་གཏོང་ཡོད།
འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་དངོས་རྫས་སྣ་མང་ལ་ཕུན་སུམ་ཚོགས་ཏེ། མཐོང་དཀོན་ཞིང་རྩ་ཆེ་བའི་བོད་སྨན་སྨན་རྫས་རིགས་དང་བོད་ལུགས་གསོ་རིག་གི་ཆ་བྱད་སྣ་ཚོགས། ཚད་ལྡན་གནའ་གཞུང་ཡིག་ཚགས་སོགས་སྨན་རྩིས་རིག་དངོས་མང་པོ་ཉར་ཚགས་དང་སྲུང་སྐྱོབ་ལེགས་པར་བྱས་ཡོད་པས། གནས་འདི་ནས་བོད་ཀྱི་གསོ་བ་རིག་པའི་ངོ་མཚར་རིན་ཐང་ལ་དངོས་སུ་རོལ་མྱོང་བྱ་ཐུབ།
བོད་ལུགས་གསོ་བ་རིག་པའི་སྨན་རྫས་འགྲེམས་སྟོན་ཁུལ་དུ་བོད་སྨན་གྱི་སྨན་རྫས་སྣ་ཁ་སྟོང་ལ་ཉེ་བ་ཙམ་འགྲེམས་སྟོན་བྱས་ཡོད་དེ། དཔེར་ན་རྩི་ཤིང་གི་སྨན་དང་གཏེར་རྫས་ཀྱི་སྨན། སྲོག་ཆགས་ཀྱི་སྨན་སོགས་སྨན་གྱི་དབྱེ་བ་བརྒྱད་པོ་མ་ཚང་བ་མེད་པས། བོད་སྨན་གྱི་སྣ་མང་རང་བཞིན་དང་ངོ་མཚར་བའི་ཕན་ནུས་སོགས་ཤེས་རྟོགས་བྱ་ཐུབ།
གནམ་རིག་སྐར་རྩིས་རིག་གནས་འགྲེམས་ཁང་དུ་རྡུལ་ཚོན་ལས་གྲུབ་པའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དང་གནམ་རིག་སྐར་རྩིས་མཁོ་བའི་གནའ་དེང་ཡོ་བྱད། གནའ་གཞུང་།ཐང་ག་སོགས་འགྲེམས་སྟོན་བྱས་ཡོད།དེས་ཕྱི་ནང་འབྱུང་བའི་འཕེལ་འགྲིབ་དང་ཁམས་ལྔའི་དར་རྒུད། འབྱུུང་ལྔའི་འཕྲོད་སྦྱོར། བླ་གནས་རྒྱུ་ཚུལ་སོགས་ལ་གཞིགས་ཏེ་ནད་གཞི་གསོ་བཅོས་དང་སྤྱི་ཚོགས་འཚོ་བའི་ཐད་སྤང་བླངས་རང་བཞིན་གྱི་མཛུབ་སྟོན་བྱ་ཐུབ་པས། བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་བར་འབྲེལ་བ་དམ་པོ་ཡོད་པ་མཚོན་ལ་བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་བློ་གྲོས་ཡང་གསལ་སྟོན་བྱས་ཡོད།
དེ་མིན་གསོ་རིག་ལོ་རྒྱུས་འགྲེམས་ཁུལ་དུ་བོད་ལུགས་གསོ་རིག་པའི་འབྱུང་ཁུངས་དང་འཕེལ་རྒྱས།རྒྱུན་འཛིན་གྱི་རིམ་པ་གསལ་ལེར་མངོན་ཡོད་ལ།སྨན་ཐང་འགྲེམས་ཁུལ་དུ་སྨན་ཐང་བརྒྱད་ཅུའི་མཚོན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་རྒྱུད་བཞིའི་ནང་དོན་ཆ་ཚང་གསོན་ཉམས་ལྡན་པའི་རི་མོའི་ལམ་ནས་གསལ་བར་བཀྲལ་ཡོད་པས། དེ་ནི་རིག་གཞུང་སློབ་ཁྲིད་དང་ཞིབ་འཇུག་སོགས་ལ་འབྲལ་དུ་མེད་པའི་རིན་བྲལ་གྱི་ ནོར་བུ་ལྟ་བུ་ཞིག་ཏུ་ཆགས་ཡོད། ཆ་བྱད་འགྲེམས་ཁུལ་དུ་ལོ་ངོ་སྟོང་ཕྲགདུ་མའི་ཡར་སྔོན་གྱི་བོད་ལུགས་་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ནད་བརྟག་སྨན་བཅོས་ཆ་བྱད་འགྲེམས་སྟོན་བྱས་ཡོད་ལ། དེ་ནི་བོད་ཀྱི་གསོ་བ་རིག་པའི་གཤགས་བཅོས་ལག་རྩལ་འཕེལ་རྒྱས་དང་ཉམས་རྒུད་དུ་ཕྱིན་པའི་གནས་བབས་གསལ་ལེར་མངོན་པའི་མེ་ལོང་ཞིག་དང་གཉིས་སུ་མེད། གནའ་གཞུང་ཡིག་ཚགས་འགྲེམས་ཁུལ་དུ་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་སྣ་ཚོགས་དང་བཀའ་བསྟན་སོགས་ཚད་ལྡན་ཡིག་ཚགས་མང་པོ་ཉར་ཚགས་བྱས་ཡོད་པས། དེ་ནི་སྨན་རྩིས་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་སྟབས།
ཤེས་ལྡན་པ་དག་གི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད་དོ།།
དེའི་ཕྱིར། བོད་ལུགས་གསོ་རིག་རིག་གནས་འགྲེམས་སྟོན་ཁང་ནི་ངེད་སྨན་རྩིས་ཁང་གི་རིག་གནས་འགྲེམས་སྟོན་གྱི་སྟེགས་བུ་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་རིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། དར་སྤེལ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད།
༄༅།།ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་རིག་གནས་འགྲེམས་སྟོན་ཁང་ངོ་སྤྲོད།
甘南州藏医药文化展示馆位于青藏高原东北边缘的甘南藏族自治州合作市永曲路1号,藏医药文化展示馆在上级组织和领导的关怀支持下,在甘南州藏医药研究院、甘南州藏医医院(甘肃省藏医药研究院)院长杨宏权的提议和院内领导班子的精心筹划和广大职工的共同努力下,甘南州藏医药文化展示馆于2017年7月正式建成,总占地1300多平方米,为四层楼式建筑。2017年9月正式对外开放。

本中心以宣传和弘扬藏医药文化为宗旨,陈列有《四部医典》医学唐卡、藏医外治疗法器械、藏药材、藏医药发展简史等内容,为民众了解藏医药学提供了重要平台。从而使更多的人了解藏医药,让藏医药更好的造福人类健康,本展示馆的建成,同时也极大的拓展和丰富了甘南州文化旅游产业内涵,必将成为我州特色文化旅游的新亮点和引领甘南高端文化旅游的一张新名片。
甘南州藏医药文化展览中心整体结构共分四层,由藏医药文化体验馆、藏医药文化综合展示馆、藏药材展示馆、藏医药产品展示馆组成,是甘肃省藏医药文化的集大成之处。丰富的展品为广大游客和民众深入了解藏医药学提供了最直观的视觉盛宴。
1、藏医药文化体验厅

藏医药文化体验厅位于整体楼层的第四层,在体验厅中,能亲身体验了解神奇的藏医特色疗法——外治法,藏医外治法是藏医四种基本疗法之一,是藏医最具鲜明特色的疗法。其历史久远,方法独特,疗效显著,副作用小。

在藏医药文化体验厅当中,大家可以亲身体验藏药足浴传神的地方。对于足部的保健和锻炼是藏药浴最为传神的特色,人体四肢有近百条的重要脉道,客人可在恒温的天然香柏木桶中长时间熏疗浸泡,热力与药力由下至上共同作用,达到内疏脉道,外排毒素的作用,临床疗效显著。
2、藏医药文化综合展示厅:


四十年风雨历程,四十年励精图治,一幅幅珍贵图片见证和记录了甘南州藏医药研究院在历史沧桑中成长与壮大,在时代变迁中与时俱进,在改革开放中创新发展的历史轨迹。研究院发展历程由初建院史,亲切关怀,名老专家,等三十多块展板构成;展出了藏医学理论巨著《四部医典》的汉英俄蒙四种译本及扎唐版,成为四省藏区第一个收集《四部医典》不同版本的展厅;收集有《四部医典》中外治疗法器械二百多件,收藏有12世纪末释迦牟尼弟子收集编撰的佛经甘珠尔、丹珠尔共300余册,供奉有药师佛,药师七佛等。
3、藏药材展示厅:

藏药材展示厅位于整体楼层的第二层,精美的展柜中展示有上百种藏药材;陈列有完整的《四部医典》医药学唐卡内容,可以让大家更加直观生动地去理解《四部医典》的内容。

4、藏医药产品展示厅:

我院制剂中心开发研制出藏成药方剂400多种,已有308种获得院内制剂批号。
神奇的地域药材,在日照时间长无污染等特殊的生长环境下,造就了药材的非凡生命力,加上精湛的炮制工艺和考究的配方,制造出一粒粒强劲高效的藏成药。

有治疗心脑血管疾病、胃病、肝胆疾病、糖尿病、风湿类疾病、妇科疾病、滋补强壮等名优藏成药。
展馆盛况

名老藏医药专家来展厅考察指导并提词


甘南州藏医药文化展示馆集展览、销售以及传播藏医药文化于一体,使四方来客和民众了解藏医药文化和雪域高原民族风情的窗口。
甘南州藏医药文化展示馆的建筑不但具备浓郁的藏民族文化艺术特色,而且陈列有流光溢彩的各种文化艺术精品,更使每一位参观者有仿佛徜徉于藏民族医药文化殿堂的神奇感觉。在这儿,您可以遥望青藏高原悠久的文明之光,领略高原的古风遗韵,感悟弥足珍贵的藏医药文化。
欢迎广大朋友前来参观